༄༅། །སྔ་འགྱུར་མཐོ་སློབ་ཆེན་མོའི་བརྡ་འཕྲིན་འཛིན་སྐྱོང་སྡེ་ཚན་ནས་དགའ་སྤྲོའི་ངང་གསལ་བསྒྲགས་ཞུ་རྒྱུར། ཕྱི་ལོ་ ༢༠༢༦ ལོར་བཤད་གྲྭ་འདི་ཉིད་ནས་ས་གནས་གཞན་དུ་གནས་སྤོ་གནང་བའི་དགེ་རྒན་རྣམ་པའི་ཐོ་ཡིག་ཡོངས་རྫོགས་ད་ཆར་གཞུང་ཕྱོགས་དྲ་རྒྱའི་ཐོག་ཏུ་ནང་འཇུག་ཀྱི་ལས་རིམ་ལེགས་གྲུབ་བྱུང་སྟེ་དྲ་རྒྱའི་ཐོག་ལ་གཟིགས་ཐུབ་པ་བཟོས་ཡོད་པས། དགེ་རྒན་རྣམ་པས་རང་ཉིད་ཀྱི་བཤད་གྲྭའི་མིང་གཞུང་ཨང་ངམ། གྲྭ་ཚང་གི་མིང་གཞུང་ཨང་གང་རུང་གི་ཐོག་ནས་གནས་ཚུལ་ལ་གཟིགས་ཞིབ་གནང་ཐུབ།
དགེ་རྒན་རྣམ་པའི་ལོ་རྒྱུས་དང་མཛད་རྗེས་རྣམས་ཉར་ཚགས་སུ་འཁྲུལ་མེད་ཁུངས་བཙན་གྱི་ཐོ་འགོད་བྱེད་པར་འབད་བརྩོན་ཞུ་བཞིན་པའི་ལས་རིམ་འདིའི་ཆ་ཤས་སུ། ང་ཚོས་མུ་མཐུད་དེ་ཡིག་ཆ་རྣམས་བསྐྱར་གསོ་དང་། བདེན་སྐྱེལ་དང་། ཉར་ཚགས་ཞུ་བཞིན་པ་ལགས་པས། གནས་སྐབས་རིང་དགེ་རྒན་རྣམ་པས་ངང་སྒུག་གནང་རྒྱུའི་རེ་སྐུལ་ཞུ་རྒྱུ་ཡིན། ༸མཚུངས་མེད་རྗེ་བཙུན་གྲུབ་དབང་བླ་མའི་དགོངས་བཞེད་དང་ཐུགས་རྗེ་བྱིན་རླབས་ཀྱི་མངའ་འོག་ནས་ཁྱེད་རྣམ་པས་ལྷག་བསམ་རྣམ་དག་གིས་རྒྱལ་ཁབ་སྣ་ཚོགས་སུ་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་ཐད་ལ་གནང་བའི་རླབས་ཆེན་གྱི་མཛད་རྗེས་རྣམས་ཡིག་ཐོག་ཏུ་འགོད་པར། ལྷན་རྒྱས་མཆོག་ནས་ཀྱང་མཐུན་འགྱུར་གནང་ཡོང་བའི་རེ་བ་ཆེ།གཞན་ཡང་། ཁྱེད་རྣམ་པའི་ཡིག་ཆ་རྣམས་ཉར་ཚགས་དང་སྲུང་སྐྱོབ་ཞུ་རྒྱུར་རོགས་འདེགས་ཀྱི་ཆེད་དུ་ང་ཚོས་བཟོས་པའི་དྲ་ཐོག་ཐོ་འགོད་ལམ་ལུགས་ (Online Registration System) ཀྱི་ཆ་རྐྱེན་ལེགས་གྲུབ་བྱུང་ཡོད་པས། ལས་གཞི་འདིས་མ་འོངས་པར་བསླབ་པ་མཐར་སོན་པའི་སློབ་ཚོགས་རྣམས་ལ་དཔྱད་གཞི་དང་འབྲེལ་བ་བྱེད་པར་ཕན་ཐོགས་ཆེན་པོ་ཡོང་ངེས།
དགེ་བའི་བཤེས་གཉེན་ཟུར་པ་རྣམ་པས་དྲ་ངོས་ཀྱི་ཐོ་འགོད་མཐེབ་གནོན་ (Register button) ནམ། ཡང་ན་དྲ་ངོས་འདིར་མཁོ་སྤྲོད་ཞུས་པའི་དྲ་ཐག་ (link https://nni.bt/registratioin.php) བརྒྱུད་ནས། དྲ་ཐོག་གི་ཐོ་འགོད་རེའུ་མིག་ལྟར་རང་རང་གི་གནས་ཚུལ་རྣམས་དེབ་སྐྱེལ་གནང་རྒྱུ་ཅི་ནས་ཀྱང་མ་སྙེལ་རོགས། ང་ཚོས་ཡིག་ཆ་ཡོངས་རྫོགས་ཀྱི་བདེན་དཔང་དང་དག་ཐེར་གྱི་ཆེད་དུ། ཁྱེད་ཀྱིས་ཕུལ་བའི་གནས་ཚུལ་རྣམས་ལ་དོ་བདག་སོ་སོའི་བཤད་གྲྭའི་འམ་གྲྭ་ཚང་གི་མིང་གཞུང་ཨང་བརྒྱུད་ནས་བདེན་སྐྱེལ་ཞིབ་འཇུག་དང་གཏན་འཁེལ་ལེགས་གྲུབ་བྱུང་རྗེས། ད་གཟོད་གཞུང་འབྲེལ་ཡིག་མཛོད་དུ་ཉར་ཚགས་ཞུ་རྒྱུ་ཡིན། གནས་ཚུལ་མཁོ་སྤྲོད་ཞུས་པའི་ཉིན་གཅིག་གམ་གཉིས་ཀྱི་རྗེས་སུ། ཐོ་འགོད་གྲུབ་ཟིན་པའི་གནས་ཚུལ་རྣམས་ལ་འབྲེལ་ཡོད་བརྒྱུད་ལམ་ཐོག་ནས་བསྐྱར་ཞིབ་གནང་རོགས་འཚལ། དུས་ཡུན་འདིའི་རིང་ལ་གནས་ཚུལ་ཡོངས་རྫོགས་ཚང་ལ་མ་ནོར་བ་ཞིག་ཡོང་བའི་ཆེད་དུ་བཅོས་འགྱུར་དང་། འཕྲི་སྣོན་དང་། གཏན་ཁེལ་གནང་རྒྱུའི་ཆ་རྐྱེན་རྣམས་མཁོ་སྤྲོད་ཞུ་ཡི་ཡོད། ཁྱེད་ཀྱི་ཡིག་ཆ་རྣམས་ལ་བརྡ་འཕྲིན་འཛིན་སྐྱོང་སྡེ་ཚན་གྱིས་བསྐྱར་ཞིབ་གྲུབ་པའི་རྗེས་སུ་མཐོ་སློབ་ཆེན་མོའི་གཞུང་འབྲེལ་ཡིག་ཆའི་ཆ་ཤས་སུ་གཏན་འབེབས་བྱུང་ཟིན་པའང་དགོངས་འཇགས་ཞུ།
དྲ་ཐག་ཡག་པོ་མེད་པའི་རྐྱེན་གྱིས་གནས་ཚུལ་མཁོ་སྤྲོད་ཞུ་བའི་སྐབས་འབྱུང་ངེས་པའི་འཕྲལ་གྱི་དཀའ་ངལ་རྣམས་ལ་བཟོད་བསྲན་གནང་རོགས། གལ་སྲིད་དེབ་སྐྱེལ་ལམ་ལྷོང་མ་བྱུང་ཚེ་བསྐྱར་དུ་འབད་བརྩོན་གནང་རྒྱུ་འམ། ཡང་ན་ རོགས་རམ་གྱི་ཆེད་དུ་ང་ཚོ་བརྡ་འཕྲིན་འཛིན་སྐྱོང་སྡེ་ཚན་ (IT Administration) ལ་འབྲེལ་བ་གནང་རོགས་ཞུ། ཁྱེད་རྣམ་པའི་ལྷག་བསམ་དང་སྲི་ཞུ་ལས་འཛམ་གླིང་ཡོངས་སུ་རྒྱལ་བསྟན་དར་སྤེལ་ལ་རླབས་ཆེན་གྱི་རོགས་འདེགས་ཞུས་པ་དང་། འབྱུང་འགྱུར་གྱི་མི་རབས་རྣམ་པའི་ཆེད་དུ་གལ་ཆེ་བའི་ཡིག་ཆ་འདི་རྣམས་ཉར་ཚགས་དང་རྒྱུན་སྐྱོང་ཡོང་རྒྱུའི་ཐད་ལ་རྒྱབ་སྐྱོར་དང་མཐུན་འགྱུར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ། ཁྱེད་རྣམ་པའི་བསྟན་འགྲོའི་མཛད་ཕྲིན་མུ་མཐུད་ལེགས་འགྲུབ་ཡོང་བའི་སྨོན་འདུན་དང་བཅས།
སྔ་འགྱུར་མཐོ་སློབ་ཆེན་མོའི་བརྡ་ཕྲིན་འཛིན་སྐྱོང་སྡེ་ཚན་ནས་སྤྱི་ལོ་ཟླ་ཚེས་ ༢༠༢༦-༠༧-༡༣ ཉིན་དགེ་བར་གུས་ཕུལ།
The IT Administration of the Ngagyur Nyingma Institute is pleased to announce that the records of all teachers who were transferred from the Institute during the year 2026 have now been successfully updated and made available on the official website. Teachers may access and review their records on our website by using their Shedra ID or Dratshang ID.
As part of our ongoing effort to preserve the history and contributions of our teachers, we respectfully request all transferred teachers to kindly bear with us as we continue updating, verifying, and maintaining accurate records. We look forward to your wholehearted cooperation in helping us document the invaluable role you have played in propagating the Buddhadharma across various countries under the vision and blessings of His Holiness Drubwang Padma Norbu Rinpoche.
Additionally, we have launched the Online Registration System to help maintain and preserve your records. This initiative will greatly benefit the alumni community of our monastery and the Institute for future reference and communication.
We kindly request all former teachers to submit their details by completing the online registration form through the Register button or the link provided on this page.
To ensure the authenticity and accuracy of all records, the information submitted will be verified by the IT Administration using your Shedra ID or Dratshang ID. All submitted records will be reviewed and confirmed by the IT Administration before being added to the Institutes official records.
We kindly encourage you to review your registered information one or two days after submission through the Registered Information link. During this period, features for corrections, updates, and final verification will be available to help ensure that all information is accurate and complete. Once your records have been reviewed and confirmed by the IT Administration, they will be finalized and maintained as part of the Institutes official records.
Please be patient in the event of temporary difficulties while uploading information due to internet or network issues. If your submission is unsuccessful, kindly try again later or contact the IT Administration for assistance.
Your dedication and service have made a significant contribution to the flourishing of the Dharma throughout the world. We sincerely appreciate your support and cooperation in helping us maintain these important records for future generations.
With gratitude and prayers for your continued success in the Dharma,
IT Administration Team
Ngagyur Nyingma Institute